彭措书香 དེ་རིང་།...

发布时间 :2023-09-17 10:30:18
彭措书香 དེ་རིང་། སྐྱེ་བ་འདི་ལ་བཅས་མ་མྱངས་པའི་ལས་སྣ་རེ་བགྱིས། བསམ་ཞིང་བསམས་ན༑ དངོས་གནས་དགོད་བྲོ་ལ་ཁམས་དྭངས་པ། འབྱུང་བཞིར་སྙོམས་ངེས་ལ་ཡིད་དུ་འོང་བ་ཞིག་ཀྱང་རེད། 哈哈
སྔར་ཡང་ཐེངས་མང་པོར་ཚོད་ལྟ་བྱ་དགོས་སྙམ་མོད། གུས་པ་རང་ལེ་ལོ་སྒྱིད་ལུག་གི་དབང་དུ་ཚུད་སླ་བས། ད་རག་བར་དུ་ལག་ལེན་དུ་བསྟར་བཏུབ་མ་བྱུང་། བྱས་ན༑ དེ་རིང་ནི་ཐོག་མའི་ཚོར་བ་དང་དགའ་སྣང་ཞིག་གིས་ཡོངས་སུ་ཁེངས་ཤིང་ཚིམ་བསྡད་པ་ལྟ་བུ་གྱུར། 酷
མི་ཚེ་འདིར༑ འདི་ལྟ་བུའི་དགའ་བ་དགོད་སྒྲ་དང་རང་སེམས་སྐྱིད་སྣང་གིས་བརྟས་ངེས་པའི་ཉིན་མོ་ག་ཚོད་ཙམ་ཡོད་དམ། ཕལ་མོ་ཆེས་ལབ་ངེས་པ་དེ་ག་རང་རེད། འདས་སོང་ནི་བྱེ་ཐང་དང་འདྲ་བས་རྐང་རྗེས་དབེན་ངེས་པ་བདེན་ལ༑ མི་ཉིད་དུས་ནམ་ཡང་ཕྱིར་དྲན་གྱི་ཀློང་དུ་ཚུད་མི་རུང་བ་ནི། ཁ་སང་གི་ཉི་འོད་ཀྱིས་དེ་རིང་གི་འུ་གཉིས་ཀའི་གོན་པ་སྐམ་མི་སྲིད་པ་ལྟ་བུ་རེད། ཡིན་ཙང་༑ དགོས་མེད་ཀྱི་མི་དང་ལས་ཀ ལམ་དང་ཁ་ཕྱོགས་ཤིག་ལ་དུས་ཚོད་ཆུད་ཟོས་སུ་མི་གཏང་བར། ད་ལྟའི་ཡོད་ཚད་ལ་གཅེས་སྤྲས་དང་བློ་སེམས་དཀར་པོ་གནང་རོགས། 加油

热门评论

来自雪山的小溪
来自雪山的小溪

[干杯]

Phuntsokbar
Phuntsokbar

[可乐]

来自雪山的小溪
来自雪山的小溪

[干杯]

今日热门